万益资讯网

དེ་རིང་། ལྗ་བྷི་རེ•ཐི་ཆི་ལགས་ཀྱིས་བྲིས་པ

དེ་རིང་། ལྗ་བྷི་རེ•ཐི་ཆི་ལགས་ཀྱིས་བྲིས་པའི༼མང་ཡུལ་སྐྱིད་གྲོང་དང་སྲིད་པའི་མ་མོ་བདུན། ད་དུང་རྟ་མང་གི་མི་རྒྱུད་འབྱུང་ཁུངས་ལ་དཔྱད་པ༽ཞེས་པའི་དབྱིན་རྩོམ་འདི་བཀླག་པ་ཡིན། འདི་ནི་འདས་པོ་གུ་གེ་ཚེ་རིང་རྒྱལ་པོའི་ཕྱག་རོགས་འོག་སྐྱིད་གྲོང་ལ་བརྟག་དཔྱད་བྱས་ནས་གྲུབ་པ་ཞིག་རེད། དེའི་ནང་དུP. Aufschnaiter ཕེ་རྡོ•ཨོ་ཧྥུ་ཆ་ནེ་ཐུ་ལགས་ཀྱིས་༡༩༤༥ལོའི་ཟླ༡༠པའི་ཚེས༢༤-༢༥བར་བྲིས་པའི་འཕགས་པ་ཝ་ཏི་ལྷ་ཁང་གི་སྐྱ་བྲིས་རི་མོ་འདི་བཀོད་ཡོད། བཀའ་གཙུགས་རྡོ་རིང་དེ་ཡང་ཧ་ཅང་གསལ་བོར་མཐོང་འདུག་པས་ཀུན་ལ་སྤྱན་འབུལ་ཞུས་ཡོད། གུས་པས༢༠༡༥ལོར་བརྗེད་ཐོ་འདི་འབྲི་དུས་སུ་སྐྱ་བྲིས་རི་མོ་དེ་ནི༼སྐྱིད་གྲོང་ལོ་རྒྱུས་ནོར་བུའི་མེ་ལོང༽ལས་བཏུས་པ་ཞིག་ཡིན་པས་ན་གསལ་ཁ་བྱུང་མེད་པས་འདིར་ཁ་གསབ་བྱས་པ་ཡིན། ངའི་བརྗེད་ཐོ་འདི་ལ་ལོ་བཅུ་ཙམ་འགོར་གྱི་ཡོད་མོད་བརྗོད་བྱ་ད་དུང་གསལ་བོར་དྲན་གྱི་འདུག སྐྱིད་གྲོང་དང་སྐྱིད་རོང་མི་གཅིག་ཏེ་སྤྱི་བྱེ་བྲག་གི་ཁྱད་པར་ཡོད། སྐྱིད་རོང་མཐིལ་དེར་བཀའ་གཙུགས་རྡོ་རིང་གཉིས་ཀྱི་རྗེས་ཤུལ་མཐོང་རྒྱུ་ཡོད་པ་གུས་པའི་བརྗེད་ཐོ་དེར་གཟིགས་ལ། ཕེ་རྡོ•ཨོ་ཧྥུ་ཆ་ནེ་ཐུ་ལགས་ཀྱི་སྐྱ་བྲིས་རི་མོའི་ནང་གསལ་བའི་རྡོ་རིང་གི་ཞབས་སྟེགས་རུས་སྦལ་འདི་རེད། ལོ་མང་པོར་འབད་བརྩོན་བྱས་པས་ཞབས་སྟེགས་རུས་སྦལ་རྙེད་པས་བཀའ་གཙིགས་རྡོ་རིང་ཡོད་པ་དངོས་སུ་རྭ་སྤྲོད་བྱུང་བ་རེད། ཡིན་ནའང་། ངོས་སུ་བཀའ་གཙིགས་ཡི་གེ་གང་ཞིག་བརྐོས་ཡོད་པ་ཚོད་དཔག་དཀའ་བ་ཞིག་ཡིན་ནའང་མ་འོངས་པར་ཞལ་བཤུས་ཡི་གེ་མི་ཐོན་པའི་ངེས་པའང་མེད་སྙམ། གང་ལྟར༢༠༡༥ལོར་གུས་པ་སྐྱིད་རོང་ནས་ལོ་གཅིག་གཞུང་ལས་བྱས་པའི་རིང་དེ་ནི། ང་ལ་མཚོན་ན་ཞིབ་འཇུག་གི་རྫོགས་ལྡན་དུས་སྐབས་ཤིག་ཡིན། ཀ་ཐོག་ཚེ་དབང་ནོར་བུའི༼གུང་ཐང་རྒྱལ་རབས༽གཞིར་བཟུང་ནས་ཡུལ་དངོས་བརྟག་དཔྱད་དང་པར་འབོར་ཆེན་ལེན་ཐུབ་པ་བྱུང་ཡོད། འདིའི་སྐོར་མང་དུ་འཆད་རྒྱུ་ཡོད་ནའང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ།། — བན་ཤུལ་པས་ལྷ་སར། 2015年我在西藏日喀则吉隆县驻村工作,同时该地区长期实地考察,发现当地留存大量历史遗迹,考察结束后我简单地写过相关短章。近期又梳理出能够支撑相关研究的新佐证资料。再次发现历爱好者。/ 完秀·华科加