རྣམ་དཔྱོད་མཚམས་སྤྲིན་ཐིག་ལེར་མངལ་ཆགས་པའི།། ལུང་རིགས་སྦྲང་ཆར་བསིལ་མའི་དངོས་གྲུབ་འདིས།། རྨོངས་མུན་ཐ་གྲུའི་ལྟོ་བ་རབ་བརླན་ནས།། ཤེས་རབ་དཔལ་གྱི་མྱུ་གུ་འཁྲུངས་གྱུར་ཅིག། མི་མཐུན་རྒུད་པའི་ཟླ་བར་འཕེལ་འགྲིབ་ཆེ།། ཕྲག་དོག་སྤྲིན་གྱི་འགྱུ་བ་རྣམ་པར་རྒོད།། ངན་རྒུའི་ཐན་རླུང་ཕྱོགས་དང་ཕྱོགས་སུ་གཡོ།། མི་ཤིག་སེམས་ཀྱི་དམ་བཅའ་སྲུང་གྱུར་ཅིག། འདི་ན་ལུང་རིགས་དཔལ་གྱི་རི་སུལ་དུ།། གྱ་གྱའི་རྐང་འགྲོས་བཀོད་པའི་ཤེས་རབ་ཅན།། དབང་ཐང་ཁ་སྟོབས་ཞན་པའི་སློང་མོ་བར།། ཕུན་ཚོགས་ཞལ་འཕང་གནང་རོགས་ཨ་མའི་བུ།། དུས་ལ་རྒུད་པ་ཡོད་ཚུལ་རྒྱལ་བས་གསུངས།། རྒུད་པའི་ཆོས་ཉིད་ཡིད་དུ་རབ་འདྲོངས་ཀྱང་།། ངན་རྒུའི་གོ་སྐབས་སྤྱོད་པའི་སྐྱེ་བོ་རྣམས།། མི་གཙང་འདམ་དུ་ལྟུང་བའི་ཁྱི་ནག་ཡིན།། — འདི་ཡང་བན་ཤུལ་སྐྱེས་མིང་པས་ཐུན་མཚམས་ངལ་གསོའི་མཚམས་སུ་ཀུན་ལ་ཕན་པར་བསམ་ནས་ཤར་མར་བྲིས་པ་དགེའོ།། 《黄金与酥油的演变: 寻根古词汇的本意和变形的过程》/ 完秀·华科加
